i སྐྱབས་བཅོལ་ལག་དེབ་དུས་འགྱངས་དང་། ཕྱིར་ཐོན་ཆོག་མཆན། རྒྱ་གར་ཕྱིར་ལོག་ཆོག་པའི་ཐོངས་མཆན་ཐོག་གལ་ཆེའི་གསལ་བསྒྲགས། | Bureau of His Holiness the Dalai Lama

སྐྱབས་བཅོལ་ལག་དེབ་དུས་འགྱངས་དང་། ཕྱིར་ཐོན་ཆོག་མཆན། རྒྱ་གར་ཕྱིར་ལོག་ཆོག་པའི་ཐོངས་མཆན་ཐོག་གལ་ཆེའི་གསལ་བསྒྲགས།

༢༠༢༠ ཟླ་ ༢ ཚེས་ ༤ རེས་གཟའ་མིག་དམར།

༄༅། །འདི་གར་ལྡི་ལི་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༣ ཉིན་བཏང་གནས་ནང་འཁོད་དོན།  རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༧ འཁོད་ཡིག་ཨང་ ༢༥༠༢༢།༠༥།༢༠༠༩-F.IV ནང་གསལ།

སླད་ཕྱིན་ས་གནས་འགོ་འཛིན་ལས་ཁུངས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ནས་བོད་མི་རྣམས་ལ་སྐྱབས་བཅོལ་ལག་དེབ་དུས་འགྱངས་ (RC Extension) དང་། ཕྱིར་ཐོན་ཆོག་མཆན། (Exit Permit) རྒྱ་གར་ཕྱིར་ལོག་ཆོག་པའི་ཐོངས་མཆན་ (Return Visa) སོགས་ཀྱི་ཆེད་རྒྱབ་གཉེར་རིགས་མ་གནང་གོང་ངེས་པར་དུ་དོ་བདག་བོད་མི་དེ་སོ་སོའི་ཁྱབ་ཁོངས་ས་ཁུལ་ནང་གཏན་སྡོད་བྱེད་མཁན་ཞིག་ཡིན་མིན་རྩད་གཅོད་གནང་དགོས་ཤིང་། གལ་ཏེ་དོ་བདག་བོད་མི་དེ་ས་གནས་གཞན་ཞིག་ལ་གནས་སྤོས་ཟིན་ཡོད་ན། ངེས་པར་དུ་སྐྱབས་བཅོས་ལག་དེབ་གནས་སྤོས་ (RC Transfer) ཞུས་ནས་འབྲེལ་ཡོད་ས་གནས་དེའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ནས་རྒྱབ་གཉེར་ཞུ་དགོས་པའི་ལམ་སྟོན་ནན་པོ་ཕེབས་འདུག་པ་ལགས་ན། ཁྱབ་ཁོངས་མང་ཚོགས་ལ་མ་གོས་མ་ཐོས་མེད་པ་གསལ་བསྒྲགས་ནན་འདྲོངས་དགོས་པ་བཅས་དེ་དོན་དགོངས་འཇགས་ཞུ།

…………………………………………………………..

གནས་ཚུལ་ཐོན་ཁུངས། Bod.asia