General Information:
All the Tibetan settlements established in India are classified as Protected Areas by the Government of India. Foreign nationals, who wish to visit the Tibetan settlements in India for whatever reasons are required to take note of the following:
It has been the policy of the Government of India that all Foreigners including the Foreign Aid Agencies visiting the Tibetan Settlements/Camps should seek prior permission of the Ministry of Home Affairs for visiting such Settlements/Camps in the country.
སྲུང་སྐྱོབ་ས་ཁུལ་ཆོག་མཆན།
ངོ་སྤྲོད། རྒྱ་གར་ནང་ཡོད་པའི་བོད་པའི་གཞིས་ཆགས་ཡོངས་རྫོགས་སྲུང་སྐྱོབ་ས་ཁུལ་ཁོངས་སུ་འཇོག་ཡོད་པར་སོང་། ཕྱི་མི་ཞིག་ལས་དོན་གང་ཡང་རུང་བའི་ཆེད་དུ་བོད་པའི་གཞིས་ཆགས་སུ་བསྐྱོད་དགོས་ཚེ། ངེས་པར་དུ་རྒྱ་གར་དབུས་གཞུང་གི་ནང་སྲིད་ལས་ཁུངས་ནས་ཆོག་མཆན་ཞུ་དགོས།
Procedure for applying Protected Area Permit (PAP)
In order to streamline and facilitate the processing of PAP, the Ministry of Home Affairs, Government of India, has launched online facilities of seeking applications for PAP from foreigners intending to visit Tibetan Settlements/Camps in India and also issuing of permits online to such foreigners if otherwise not rejected.
སྲུང་སྐྱོབ་ས་ཁུལ་ཆོག་མཆན་ཞུ་ཕྱོགས།
བོད་མིའི་གཞིས་ཆགས་སུ་བསྐྱོད་འདོད་ཡོད་པའི་ཕྱི་མི་རྣམས་ལ་སྲུང་སྐྱོབ་ས་ཁུལ་ཆོག་མཆན་ཞུ་བདེའི་ཆེད་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་ཆོག་མཆན་འདི་དྲྭ་རྒྱའི་ཐོག་ནས་ཞུ་སྤྲོད་ཐུབ་པའི་མཐུན་རྐྱེན་སྐྲུན་ཡོད།
All foreigners intending to visit Tibetan Settlements/Camps in India may therefore apply online for PAP by logging in the Ministry’s website https://papvt.mha.gov.in/
Please note that any applications found incomplete shall be summarily rejected and no correspondence/reply shall be given by the Ministry.
དེ་ཕྱིར་བོད་པའི་གཞིས་ཆགས་སུ་བསྐྱོད་འདོད་ཡོད་པའི་ཕྱི་མི་རྣམས་ནས་དྲྭ་བྱང་ https://papvt.mha.gov.in/ བརྒྱུད་ཆོག་མཆན་ཞུ་དགོས། འོན་ཀྱང་གལ་ཏེ་ཆོག་མཆན་འགེངས་ཤོག་འཐུས་ཚང་བཀང་མེད་ཚེ། འབྲེལ་ཡོད་ལས་ཁུངས་ནས་ཆོག་མཆན་བཀའ་འཁྲོལ་མ་སྤྲད་པ་ཙམ་མ་ཟད། བཀའ་འཁྲོལ་མ་སྤྲད་པའི་རྒྱུ་མཚན་སོགས་དོ་བདག་ལ་འགྲེལ་བརྗོད་གང་ཡང་གནང་རྒྱུ་མིན་པ་བཅས་དེ་དོན་ངེས་པར་དགོངས་འཇགས་གནང་དགོས།
All foreigners intending to visit Tibetan Settlements/Camps in India are requested to apply online for PAP at least one month prior to their arrival to India.
བོད་མིའི་གཞིས་ཆགས་སུ་བསྐྱོད་འདོད་ཡོད་པའི་ཕྱི་མི་རྣམས་ནས་སྲུང་སྐྱོབ་ས་ཁུལ་ཆོག་མཆན་དེ་ཡང་རྒྱ་གར་དུ་མ་ཕེབས་གོང་ཉུང་ཐར་ཟླ་བ་གཅིག་སྔོན་ཚུད་ནས་བཀའ་འཁྲོལ་ཞུ་གནང་ཡོང་བ་ཞུ།
All the applicant who are seeking PAP, must fill separate online PAP application for every individual even minor.
བོད་མིའི་གཞིས་ཆགས་སུ་བསྐྱོད་འདོད་ཡོད་པའི་ཕྱི་མི་རྒན་གཞོན་དབྱེ་མེད་ཚང་མས་སྲུང་སྐྱོབས་ས་ཁུལ་ཆོག་མཆན་དོ་བདག་སོ་སོའི་མཚན་ཐོག་ཏུ་ལོགས་སུ་ཁ་ཁ་ཞུ་དགོས།
The User Manual for PAP application submission can be downloaded here.
འགེངས་ཤོག་བཀང་སྟངས་ཀྱི་ལམ་སྟོན་ཆེད་འདིར་བསྣུན།
For further queries about online submission of PAP application(s), you can also contact us at rehab[at]tibetbureau.in
དྲྭ་རྒྱའི་ཐོག་འགེངས་ཤོག་བཀང་སྟངས་ཐད་དོགས་འདྲི་འཕར་མ་ཡོད་ཚེ། གཤམ་གསལ་གློག་འཕྲིན་ཁ་བྱང་ rehab[at]tibetbureau.in ཐོག་འབྲེལ་བ་གནང་འཐུས།