Tibetan students who are pursuing full-time regular courses at the recognised foreign Universities may apply for the renewal of their Certificate of Identity (COI)/IC at the Indian Mission/Post abroad. The students are advised to request the concerned Indian Mission/Post abroad to refer their application along with the other documents to sopsp3@mea.gov.in,  during the submission of renewal application, for the Ministry’s no objection/Clearance.

The students must send the below listed documents to the Bureau of His Holiness the Dalai Lama either by post or scan copy (not mobile phone photographed) by email attachment to COI Section of Bureau at  ic@tibetbureau.in after the submission of renewal application at concerned Indian Mission/Post abroad. The Bureau will separately submit the application form and documents along with recommendation letter to the Ministry.

After following due procedures, the Ministry will convey the Clearance to the concerned Indian Mission/Post abroad for renewal of COI. The verification process may take 3-4 months, sometimes more depending on individual cases.  

The students are advised to renew their Certificate of Identity/IC well in advance, probably eleven months, before the expiry of their IC/COI, to avoid any last minute inconveniences and complications.

  • Copy of IC application form submitted to Indian Mission/Post abroad (with affix photo/signature) 
  • Copy of old IC with VISA page
  • Copy of old IC issued from Indian Missions abroad if any
  • Copy of address proof
  • Copy of valid Student ID
  • Copy of letter from University (proving your status as full-time regular student)
  • Copy of supporting letter from the Office of Tibet (Office of Tibet is requested to check the authenticity of the application)
  • Copy of updated Green Book 

ངོས་འཛིན་ཡོད་པའི་ཕྱི་རྒྱལ་མཐོ་སློབ་ཏུ་རྒྱུན་གཏན་སློབ་སྦྱོང་གནང་མཁན་བོད་པའི་སློབ་གཉེར་བ་ཆེད་ཕྱི་སྐྱོད་ལག་དེབ་ (ལག་དེབ་སེར་པོ་) དུས་འགྱངས་ཞུ་ཕྱོགས།

ངོས་འཛིན་ཡོད་པའི་ཕྱི་རྒྱལ་མཐོ་སློབ་ཏུ་རྒྱུན་གཏན་སློབ་སྦྱོང་གནང་མཁན་བོད་པའི་སློབ་མ་ཚོ་ཕྱི་སྐྱོད་ལག་དེབ་ (ལག་དེབ་སེར་པོ་) དུས་ཡུན་ལོ་བཅུ་རྫོགས་ཏེ་དུས་འགྱངས་དེ་ཕྱི་རྒྱལ་དུ་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་དུ་ཞུ་ཆོག གཞུང་ཚབ་ཁང་ནས་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་དགག་བྱ་མེད་པའི་ཡི་གེ་ཞུ་ཆེད་འབྲེལ་ཡོད་རྒྱ་གར་གཞུང་ཚབ་ཁང་ལ་ཞུ་སྙན་དང་གཤམ་གསལ་དགོས་ངེས་ཡིག་ཆ་ཁག་འབུལ་སྐབས་ཡིག་ཆའི་ངོ་བཤུས་ཡོངས་རྫོགས་ཤིག་རྒྱ་གར་གཞུང་ཚབ་ཁང་ནས་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་གློོག་འཕྲིན་ཁ་བྱང་ sopsp3@mea.gov.in ལ་འབུལ་གཏོང་ཡོང་བའི་འབོད་སྐུལ་ཞུ་དགོས།

ཕྱི་རྒྱལ་དུ་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་དུ་ལག་དེབ་སེར་པོའི་དུས་འགྱངས་འགེངས་ཤོག་ཕུལ་ཟིན་རྗེས་ངོ་བཤུས་ཡིག་ཆ་ཡོངས་རྫོགས་ཤིག་སྦྲག་ཐོག་གམ་བཤེར་འབེབས་ (ལག་ཐོག་ཁ་པར་ནས་པར་ལེན་མ་ཡིན་པ་) གྱིས་ནས་འདི་ལས་ཀྱི་ལག་དེབ་སེར་པོའི་སྡེ་ཚན་གྱི་གློག་འཕྲིན་ཁ་བྱང་ ic@tibetbureau.in ལ་འབུལ་དགོས།

དུས་འགྱངས་སྙན་ཞུ་ཕུལ་རྗེས་ཟིན་ཞིབ་འཇུག་ཆེད་ཉུང་མཐར་ཟླ་གྲངས་གསུམ་མམ་བཞི། ཡང་ན་དེ་ལས་རྒྱུན་རིང་བ་འགོར་སྲིད། དེས་ན་ཞུ་སྙན་པར་དཀའ་དལ་མི་འཕྲད་སླད་ཉུང་མཐར་ཟླ་གྲངས་བཅུ་གཅིག་གོང་འབུལ་ཐབས་གནང་གལ་ཆེ།

དགོས་མཁོ་ཡིག་ཆ་ཁག

  • རང་ཉིད་ཀྱི་ཕྱེད་པར་དང་ས་རྟགས་འཁོད་པའི་ལག་དེབ་སེར་པོའི་དུས་འགྱངས་འགེངས་ཤོག་ཕྱི་རྒྱལ་དུ་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་དུ་བཀང་ཕུལ་ཟིན་པའི་ངོ་བཤུས།
  • ཕྱི་སྐྱོད་ལག་དེབ་རྙིང་པའི་ངོ་བཤུས། (མཐོང་མཆན་ངོ་བཤུས།)
  • ཕྱི་རྒྱལ་དུ་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་ནས་ལག་དེབ་སེར་པོ་ཞུས་སྤྲོད་བྱུང་ཡོད་ཚེ་དེའི་ངོ་བཤུས།
  • སྡོད་གནས་ཁ་བྱང་གི་ཚད་ལྡན་ཡིག་ཆའི་ངོ་བཤུས།
  • སློབ་གཉེར་བའི་ངོས་འཛིན་ལག་ཁྱེར་ཚད་ལྡན་གྱི་ངོ་བཤུས།
  • མཐོ་སློབ་ནས་རྒྱུན་གཏན་སློབ་གཉེར་ཡིན་པའི་ཁུངས་སྐྱེལ་ཡི་གེའི་ངོ་བཤུས།
  • ཕྱི་རྒྱལ་དོན་གཅོད་ལས་ཁུངས་ནས་རྒྱབ་གཉེར་ཡིག་ཆའི་ངོ་བཤུས། (གོང་གསལ་ལས་ཁུངས་ནས་ཁུངས་ལྡན་ཡིན་མིན་ཞིབ་འཇུག་དགོས།)
  • དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།