i Circular | Bureau of His Holiness the Dalai Lama | Page 4

Circular

གཞོན་དྲུང་ཉིན་གླའི་ལས་བྱེད་གཅིག་གསར་བསྐོ་གསལ་བསྒྲགས།

ལྡི་ལི་སྐུ་ཚབ་དོན་གཅོད་ཁང་དུ་ཟླ་༡༡རིང་སྣེ་ལེན་ཆེད་ཉིན་གླའི་ལས་བྱེད་གཞོན་དྲུང་གནས་རིམ་གཅིག་ བསྐོ་གཞག་གནང་རྒྱུ་ཡིན་ན། ཞབས་འདེགས་ཞུ་འདོད་ཡོད་རིགས་ཟུར་བཀོད་བོད་ཡིག་ཐོག་གཏན་འབེབས་ ཡོད་པའི་འཚང་སྙན་འགེངས་ཤོག་བཏོན་སྟེ་འཚེམས་ལུས་མེད་པ་བཀང་ནས་དགོས་མཁོའི་ཡིག་ཆ་རྣམས་ ལྡི་ལི་དོན་གཅོད་ཁང་དུ་༢༠༡༧ ཟླ ༡ ཚེས་ ༢༠ ཉིན་རྒྱབ་ཚོུད་ ༥ པ་འགྱངས་མེད་འཚང་སྙན་འབུལ་དགོས་པའི་གསལ་བསྒྲགས་སུ།། Staff Announcement recruitment form Read More

ལག་དེབ་སེར་པོ་དང་འབྲེལ་བའི་གསལ་བསྒྲགས།

མཁྱེན་གསལ་ལྟར་ཉེ་འཆར་རྒྱ་གར་དབུས་གཞུང་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས ༨ ནས་དངུལ་ལོར་ ༥༠༠ དང་ ༡༠༠༠ རྙིང་པ་བདེ་སྤྱོད་མི་ཆོག་པའི་གསལ་བསྒྲགས་གནང་པ་ནས་ཟུང་དངུལ་ཁང་ནས་དངུལ་རྐྱང་དགོས་ངེས་བཞིན་རག་ཐབས་མེད་པ་དང་། འདི་གར་ལག་དེབ་སེར་པོ་ཞུ་མཁན་མང་དག་ཞིག་ནས་འགེངས་ཤོག་སྦྲག་ཐོག་གནང་སྐབས་ལག་དེབ་སེར་པོའི་དོད་ཌབ་འཛིན་བརྒྱུད་གནང་བཞིན་ཡོད་པ་དེ་དག་དངུལ་རྐྱང་བསྒྱུར་དཀའ་བས་དུས་ཐོག་རྒྱ་གར་ལས་ཁུངས་སུ་འགེངས་ཤོག་འབུལ་རྒྱུ་རང་བཞིན་དུས་འགྱངས་འགྲོ་བཞིན་པའི་ཐོག་རྒྱ་གར་པ་སེའམ་ཕྱི་སྐྱོད་ལག་དེབ་ལས་ཁུངས་ནས་ཀྱང་དངུལ་རྐྱང་ལས་ཌབ་དང་ཅེག་འཛིན་སོགས་ཁས་ལེན་གནང་མིན་ལ་སོང་གནས་སྐབས་རིང་ལག་དེབ་སེར་པོའི་དོད་སྒོར་ ༡༡༠༠ འདི་ག་དོན་ཁང་དུ་དངུལ་རྐྱང་གནང་དགོས་པའི་འབོད་བསྐུལ་གསལ་བསྒྲགས་སུ། ལྡི་ལི་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས ༡༤ ལ།། Read More

ལམ་སྟོན་འཕར་མའི་གསལ་བསྒྲགས།

ཉེ་ལམ་ལག་བྲིས་ཕྱི་བསྐྱོད་ལག་དེབ་སེར་པོ་རྙིང་པ་(Non-machine readable IC) ཡོད་མཁན་བོད་མི་འགའ་ཤས་ཕྱི་བསྐྱོད་གནང་སྐབས་གནམ་ཐང་ལ་དཀའ་ངལ་བྱུང་བའི་གནས་ཚུལ་བྱུང་འདུག འདི་ནས་རྒྱ་གར་ལག་དེབ་ལས་ཁུངས་སུ་དེ་ལྟར་སྙན་སེང་ཞུས་པར། རྒྱལ་སྤྱི་གནམ་འགྲུལ་མཐུན་ཚོགས་ནས་ལག་བྲིས་ཕྱི་བསྐྱོད་ལག་དེབ་ཡོངས་བརྩི་མེད་གཏང་རྒྱུ་དང་། ཀཱོམ་པཱུ་ཀྲར་བརྒྱུད་ལམ་བཟོས་པའི་ཕྱི་བསྐྱོད་ལག་དེབ་ (Machine readable passport) ཁོ་ན་རྩ་འཛིན་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་འདུག འདི་རང་རེའི་ཕྱི་བསྐྱོད་ལག་དེབ་སེར་པོ་དེའང་དེ་ལྟར་སྤྱི་མཚུངས་ཡིན་མིན་གྱི་གསལ་ཁ་མི་འདུག་ནའང་། མ་འོངས་དཀའ་ངལ་མི་འཕྲད་ཆེད་སྔོན་བརྟན་དུ་ད་ལྟ་ནས་ལག་དེབ་གསར་པར་བསྒྱུར་དགོས་གལ་མཐོང་འདུག་ན། ལག་བྲིས་ལག་དེབ་རྙིང་པ་རྒྱབ་ཤ་མཁྲེགས་པོ་ཡོད་མཁན་ཡོངས་ནས། ཤོག་བུ་འཕར་མ་དགོས་ཀྱི་ཡོད་པ་ཡང་ན་གཞན་་[གཤམ་འཁོད་དབྱིན་ཡིག་ལམ་སྟོན་ལ་གཟིགས།]གྱི་ཁོངས་སུ་ཀཱོམ་པཱུ་ཊར་བརྒྱུད་སྙན་ཞུ་གང་མྱུར་གནང་རོགས་ཞུ་རྒྱུ་དང་། འདི་ནས་ལག་དེབ་གསར་པ་གང་མྱུར་ཐོན་ཐབས་འབད་བརྩོན་ཞུ་རྒྱུ་དང་། ཅི་ཏེ་གང་མྱུར་ལག་དེབ་རྙིང་པའི་ཐོག་ཕྱི་བསྐྱོད་གནང་དགོས་གནས་སྟངས་ཆགས་ཡོད་ན་འདི་གར་འབྲེལ་བ་གནང་རོགས་ཞུ།   ལྡི་ལི་དོན་ཁང་ནས་ ༢༠༡༥ ཟླ་ ༡༡ ༢༥ ལ།།   །།   REVISED PUBLIC ADVISORY Read More