ཉིན་གླའི་ལས་བྱེད་ས་མིག་གསལ་བསྒྲགས།

༄༅། ལྡི་ལི་སྐུ་ཚབ་དོན་ཁང་གི་ཕྱི་བསྐྱོད་ལག་འཁྱེར་སྡེ་ཚན་དུ་ཡིག་ཆ་ཁག་འཚག་སེལ་ (Scanning) གྱིས་ཀམ་པུ་ཀྲར་ནང་འཇུག་རྒྱུའི་ལས་གཞིའི་ཆེད་ཉིན་གླའི་ལས་བྱེད་གནས་རིམ་གཞོན་དྲུང་ཅན་གཉིས་དགོས་མཁོ་བཞིན་འདི་ལོའི་ཕྱི་ཟླ་ ༨  ནས་ཆར་ལོའི་ཕྱི་ཟླ་ ༡ པོ་བར་ཟླ་དྲུག་རིང་ ཉིན་རེའི་གླ་ཕོགས་ཧིན་སྒོར་ ༦༠༠།༠༠ ཐོག་འདེམས་བསྐོ་གནང་རྒྱུ་ཡིན།  འཛུགས་ཞུགས་གནང་བློ་ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ཚང་དགོས།

དགོས་ངེས་ཆ་རྐྱེན་ཁག

  ༡༽ ཤེས་ཚད།

ཉུང་ཐར་འཛིན་རིམ་བཅུ་གཉིས་ཐོན་པའམ། དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཚད་ལྡན་ཡོད་པ།

   ༢༽ ལོ་ཚད།

༢༠༡༧།༠༧།༣༡ ཉིན་རང་ལོ་  ༢༡  ལས་མི་ཉུང་བ་དང་།  ༣༥ ལས་མ་བརྒལ་བ་དགོས།

   ༣༽ ཉམས་མྱོང་།

སྤྱིར་བཏང་ཀམ་པུ་ཀྲར་བེད་སྤྱོད་བྱེད་ཐུབ་པ།

  ༤༽ རྒྱུགས་གཞི།

བོད་སྐད་དང་། དབྱིན་སྐད་གཉིས་ཐོག་ངག་རྒྱུགས་ལེན་རྒྱུ།

གོང་གསལ་ས་མིག་ཐོག་ཆ་རྐྱེན་ལྡན་རིགས་ནས་འདི་ག་ལས་ཁུངས་ནད་བོད་ཡིག་ཐོག་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་བཞེས་ཏེ་དོན་ཚན་

རྣམས་འཚེམས་ལུས་མེད་པར་ཞིབ་བཀང་གིས་གཤམ་གསལ་ཡིག་ཆ་ཁག་མཉམ་འབུལ་དགོས་རྒྱུ།

༡༽  རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢  རེ་དང་།

༢༽  མཐའི་མའི་ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ (Marks Card & Certificate) གྱི་ངོ་བཤུས།

༣༽ དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། འབུལ་འབབ་གཙང་འབུལ་ཟིན་པའི་ཤོག་གྲངས་མཐའ་མའི་ངོ་བཤུས།

༤༽ གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར་  (RC)  གྱི་ཤོག་གྲངས་དང་པོ་དང་། དུས་འགྱངས་ཞུས་པའི་ཤོག་གྲངས་མཐའ་མའི་ངོ་བཤུས།

༥༽ ཁྲིམས་མཐུན་སྐྱེསཚེས་ལག་འཁྱེར་ (Birth Certificate)  གྱི་ངོ་བཤུས།

༦༽ བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ (MC)  ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་། ས་རྟགས་འཁོད་པ་ངོ་མ།

༧༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate)  ངོ་མ།

༨༽ གལ་སྲིད་ད་ལྟ་སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ (No Objection Letter)  ངོ་མ་བཅས་མཉམ་འབུལ་དགོས། གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གནས་རིམ་ཟུང་དྲུང་ཡན་སུ་རུང་གི་དག་མཆན་ལས་དམ་ (Attestation) ཞུས་ཏེ།  ཕྱི་ལོ་  ༢༠༡༧  ཟླ་  ༨  ཚེས་  ༤ འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་། ད་ལྟའི་སྡོད་གནས་སུ་འབྲེལ་གནང་བདེའི་ཁ་བྱང་། ཁ་དཔར་ཨང་། གློག་འཕྲིན་ཁ་བྱང་བཅས་ཁ་གསལ་བཀོད་དེ་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེའི་མཚན་བྱང་ཐོག་ཕུལ་ཟིན་པ་དགོས་རྒྱུ་བཅས།

 

The Secretary

Bureau of His Holiness the Dalai Lama

10-B Ring Road, Lajpat Nagar-IV

New Delhi-24

 

Announcement/Application Form